
五年级上册藏文备课本.doc
75页དགེ་མིང་ ཆུང་དག་ཚེ་རིང་།སློབ་ལོ་ ༢༠༡༤-༢༠༡༥སློབ་དུས་ ༡བསླབ་ཚན་ བོད་སྐད་ཡིག་།ལོ་རིམ་ ལྔ་པ་།སློབ་གྲྭ་ ས་དགའ་རྫོང་སྟེང་དགའ་སློབ་ཆུང་།1སློབ་ཚན་རིའུ་མིག རེ་གཟའ།སློབ་ཚན་།ཟླ།དམར།ལྷགཕུར།སངས།སྤེན་།སྔ་དྲོ།ཞོཌ་ཀློགདང་པོ།གཉིས་པ།གསུམ་པ།བཞི་པ།ཉིན་གུང་ངལ་གསོ།ཕྱི་དྲོ།དང་པོ།གཉིས་པ།གསུམ་པ།མཚན་སྦྱོང་།སློབ་དཔྱོད་ཁང་གི་བྱེད་སྒོའི་བཀོད་སྒྲིག༡. ཟླ་རེར་ཡིག་རྒྱུགས་ཐེངས་རེ་གཏོང་རྒྱུ་་། ༢. ཡིག་གཟུགས་དང་ སློབ་ཚན་གྱེར་ཀློག་།རྩོམ་ཐུང་འབྲི་སྦྱོང་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་ལ་བརྟེན་ནས་སློབ་མའི་ཕྱོགས་ཡོངས་ཀྱི་ཐད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཐུབ་པ་བྱ་རྒྱུ་།སློབ་ཁྲིད་ལས་ཀའི་འཆར་བཀོད་རིའུ་མིག༢༠༡༤--༢༠༡༥ལོའི་སློབ་དུས་དང་པོའི་ལོ་རིམ་ལྔ་པའི་བོད་སྐད་ཡིག ༢༠༡༤ལོའི་༨པའི་༡༨ཉིན།སློབ་ཕྲུག་གི་ཤེས་ཚད་ལ་དཔྱད་པ།༡.སློབ་མའི་སློབ་སྦྱོང་གི་རྨང་གཞི་ཞན་ཁར་རང་འགུལ་གྱི་བསམ་པ་ཏིལ་འབྲུ་ཙམ་ཡང་མེད་པ།༢.རྒྱུན་གཏན་ནས་མཉམ་ལས་དང་འཚོལ་དཔྱད་ཀྱི་གོམ་གཤིས་ཉུང་བས་སློབ་སྦྱོང་བྱེད་པའི་ཐབས་ཤེས་ཞན་པ།༣.སློབ་ཚན་ཀློག་པའི་ནུས་པ་ཞན་རྐྱེན་སློབ་ཚན་གྱི་གཙོ་དོན་དང་བསྟན་དོན་ལ་གོ་བ་དེ་ཙམ་ལས་ལོན་མི་ཐུབ་པ།སློབ་དུས་འདིའི་འོས་འགན་དང་རེ་བ་གཙོ་བོ། མིང་ཚིག་བརྗོད་པ་གསུམ་སྦྱངས་པ་ལ་བརྟེན་ནས་མང་ཙམ་ཀློག་ལ་འཇུག་པ་དང་། དོན་རྟོགས་པར་བྱེད་པ། བརྗོད་པའིསྤྱོང་བརྡར་མང་ཙམ་སྤྲོད་པ་བཅས་བྱ་རྒྱུ་དང་། དེ་དང་མཉམ་དུ་སློབ་མའི་ལྟ་ཞིབ་ཀྱི་ནུསཔ་དང་། བསམ་གཞིག་གི་ནུས་པ། ལག་པ་སྒུལ་བའི་ནུས་པ་བཅས་སྐྱེད་སྲིང་བྱ་རྒྱུ་གཙོ་བོར་འཛིན་ནས་སློབ་མའི་ཕྱོགས་ཡོངས་ཀྱི་ཐད་འཕེལ་རྒྱས་གཏོང་བར་འབད་པ་ལྷོད་མེད་བྱ་རྒྱུ་ཡིན་།བསླབ་ཚན་གྱི་དཀའ་གནད་དང་གཙོ་གནད། རིགས་མི་འདྲ་བའི་སྡེ་ཚན་སོ་སོར་བཀོད་པའི་ནང་དོན་རྣམས་ཇི་མ་ཛི་བཞིན་དུ་རྟོགས་པ་བྱ་རྒྱུ་ནི་གཙོ་གནད་དང་། སློབ་མ་མི་རེས་བསླབ་གཞིའི་ནང་བཀོད་པའི་ནང་དོན་ཡོངས་རྫོགས་གསལ་ཤེས་ཐུབ་པ་དང་ལྗོན་པའི་དབང་པོ་བློ་འཛིན་ཐུབ་པ་བྱ་རྒྱུ་ནི་དཀའ་གནད་དུ་གྱུརད་ཏོ།སློབ་དུས་འདིར་སློབ་མའི་སློབ་སྦྱོང་ཆུ་ཚད་གོང་མཐོར་གཏོང་བའི་ཐབས་ཇུས་གཙོ་བོ།༡.མང་ཙམ་ཀློག་པ་དང་། མང་ཙམ་འབྲི་བ། མང་ཙམ་འདྲི་བ་སོགས་བྱས་ནས་སློབ་མའི་རྒྱུད་ལ་མིང་ཚིག་གང་མང་གསོག་འཇོག་ཐུབ་པ་བྱ་རྒྱུ།༢.སྡེ་ཚན་རེ་རེར་ཚོད་རྒྱུགས་ཐེངས་རེ་གཏོང་ཐུབ་པ་བྱས་ནས་སློབ་མས་ཁྱད་མཚར་བའི་དྲི་གཞི་ཁག་ལ་རང་རྟོགས་ ཀྱིས་གོ་བ་ལོན་ཐུབ་པ་བྱ་རྒྱ།༣.རྒྱུན་དུ་དགེ་རྒན་ནས་སློབ་གསོའི་གལ་ཆེའི་རང་བཞིན་དང་སློབ་གསོའི་རིན་ཐང་ཇི་འདྲ་ཡིན་པ་སོགས་མང་ཙམ་ བརྗོད་པ་ལ་བརྟེན་ནས། སློབ་མས་རང་འགུལ་ངང་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་རྒྱུ་བཅས་ཡིན་།སློབ་ཁྲིད་ཀྱི་མྱུར་ཚད་རེའུ་མིགགཟའ་འཁོར་།ཁྲིད་བྱའི་བསླབ་ཚན་།༡སློབ་དཔོན་ཐོན་མི།ཁྱིའུ་རིག་པ་ཙན་།༢བསམ་ཡས་གཙུག་ལག་ཁང་།བོད་ཀྱི་ཡིག་མཁན་གཅེས་ནོར།༣སྐད་ཡིག་ཤེས་བྱའི་དགའ་ཚལ་ ༡ལུས་སྐོར་གྱི་མིང་།༤འབྱུང་ཁུངས།༥ཚིག་ཕྲད་ཞིང་སོགས་སྦྱོར་ཚུལ།༦མི་སྣ་ཞིབ་འབྲི་བྱེད་ཚུལ།སྐད་ཡིག་ཤེས་བྱའི་དགའ་ཚལ། ༢༧ཉིན་ཐོ།དུས་བཞིར་བསྔགས་པ།༨མཚོ་སྔོན་པོ།རྩྭ་ཐང་།༩སྐད་ཡིག་ཤེས་བྱའི་དགའ་ཚལ། ༣བསྐྱར་སྦྱོང་།༡༠སློབ་དཀྱིལ་ཡིག་ཚད།༡༡ལེགས་བཤད་ཚན་པ་བཞི།སྤྱང་པོ་དང་གླེན་པ།༡༢བུ་ཆུང་ཧྲན་ཏི།འུག་ཚང་མེ་ཡིས་བསྲེགས་པ།༡༣སྐད་ཡིག་ཤེས་བྱའི་དགའ་ཚལ་ ༤དམངས་གཞས་ཚན་པ་ལྔ་།༡༤ལྕགས་རིལ་གཉིས་ཅིག་ཅར་དུ་སར་ལྷུང་བ།ཉི་མ།༡༥ན་ཀྲ།སྐད་ཡིག་ཤེས་བྱའི་དགའ་ཚལ། ༥༡༦ལྷམ་བཟོ་བའི་བུ།ས་ཡོམ་ཁྲོད་ཀྱི་ཕ་དང་བུ།༡༧སྦྲང་ནོར་བུ།གསོམ་སྡོང་།༡༨སྐད་ཡིག་ཤེས་བྱའི་དགའ་ཚལ། ༦བསྐྱར་སྦྱོང་།༡༩སློབ་མཇུག་ཡིག་ཚད།སློབ་དུས་གཅིག་གི་སློབ་ཁྲིད་འཆར་གཞི། འགན་འབབ་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ། སྐད་ཡིག་ལོ་རིམ་ལྔ་པའི་སྟོད་ཆ་འདིན་ཉིད་བསླབ་པ་བརྒྱུད། ཁོ་བོས་སྐད་ཡིག་སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་དང་། སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་བསྟུན་པ། གུ་ཡངས་ཤིང་གསོན་ཤུགས་ཀྱིས་ཕྱུག་པའི་སྐད་ཡིག་བསླབ་ཚན་ཁྲིད་རྒྱུར་འབད་པ། སློབ་མའི་སློབ་སྦྱོང་བྱེད་སྟངས་ལ་ལེགས་བཅོས་བྱེད་པར་སྐུལ་མ་གཏོང་བ་བཅས་བྱས་ཏེ་ཁྱོན་ཡོངས་ནས་སློབ་མའི་སྐད་ཡིག་གི་ཡོན་ཚད་གོང་མཐོར་བཏང་ཐོག་ཁོ་ཚོའི་ཚེ་གང་གི་སློབ་སྦྱོང་དང་། འཚོ་བ། ལས་དོན་བཅས་ལ་སྐད་ཡིག་གི་ཐོག་ནས་རྨང་གཞི་འདིང་གང་ཐུབ་བྱ་རྒྱུ་ཡིན་།1༡. སློབ་དཔོན་ཐོན་མི།སློབ་ཁྲིད་ཀྱི་དམིགས་རེ། ༡. སློབ་ཚན་དེ་བསླབ་པ་བརྒྱུད། སློབ་མས་ད་ལྟ་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་མཁས་མཆོག་ཐོན་མི་སམ་བྷོ་ཊས་གསར་བཅོས་མཛད་པ་དང་། ཁོང་ནི་རྒྱལ་པོ་སྲོང་བརྩན་སྒམ་པོའི་བློན་པོ་དང་བོད་ཀྱི་འཕྲུལ་བློན་མཛངས་མི་བདུན་གྱི་བཞི་པ་ཡིན་པ། ཁོང་གིས་འཕགས་ཡུལ་གྱི་བརྡ་སྤྲོད་གཞུང་ལ་ཁུངས་དང་ཡུལ་དབུས་ཕྱོགས་ཀྱི་སྐད་ལ་གཞི་བཅོལ་ཏེ་ད་ལྟའི་བོད་ཡིག་འདི་གསར་བཅོས་གནང་བ་བཅས་རྟོགས་པ་མ་ཟད། ཁོང་གི་བཀའ་དྲིན་རྗེས་སུ་དྲན་ནས་ཆུང་དུས་ནས་བོད་ཀྱི་རིག་གནས་ལས་དོན་ལ་རང་ནུས་སྐྱེས་སུ་འབུལ་བའི་འདུན་པ་འཕེལ་བ་བྱ་རྒྱུ་ཡིན་། ༢. སློབ་ཚན་ནང་གི་མིང་དང་ཚིག་གསར་པ་རྣམས་ཀློག་ཤེས་པ་དང་། འབྲི་ཤེས་པ། དོན་རྟོགས་པ་བཅས་བྱས་ནས་སློབ་ཚན་སྒྲ་དག་ཅིང་གཅོད་མཚམས་རན་པོའི་ངང་འབྱོང་པོར་ཀློག་ཐུབ་པའི་རྨང་གཞིའི་ཐོག ཚིག་དོན་དང་བརྗོད་དོན་ལ་གོ་བ་ལོན་ཐུབ་པ་བྱ་རྒྱུ་ཡིན་།སློབ་ཁྲིད་ཀྱི་དཀའ་གཙོ།སློབ་མ་ཚོས་སློབ་ཚན་ནང་གི་མིང་དང་ཚིག་གསར་པ་རྣམས་ཀློག་ཤེས་པ་དང་། འབྲི་ཤེས་པ། དོན་རྟོགས་པ་བཅས་བྱས་ནས་སློབ་ཚན་སྒྲ་དག་ཅིང་གཅོད་མཚམས་རན་པོའི་ངང་འབྱོང་པོར་ཀློག་ཐུབ་པའི་རྨང་གཞིའི་ཐོག ཚིག་དོན་དང་བརྗོད་དོན་ལ་གོ་བ་ལོན་ཐུབ་པ་བྱ་རྒྱུ་མ་ཟད། ད་ལྟ་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་མཁས་མཆོག་ཐོན་མི་སམ་བྷོ་ཊས་གསར་བཅོས་མཛད་པ་དང་། ཁོང་ནི་རྒྱལ་པོ་སྲོང་བརྩན་སྒམ་པོའི་བློན་པོ་དང་བོད་ཀྱི་འཕྲུལ་བློན་མཛངས་མི་བདུན་。












