好文档就是一把金锄头!
欢迎来到金锄头文库![会员中心]
电子文档交易市场
安卓APP | ios版本
电子文档交易市场
安卓APP | ios版本

16夏吾吉(初中藏).doc

3页
  • 卖家[上传人]:新**
  • 文档编号:533029435
  • 上传时间:2022-09-17
  • 文档格式:DOC
  • 文档大小:31.50KB
  • / 3 举报 版权申诉 马上下载
  • 文本预览
  • 下载提示
  • 常见问题
    • མེ་ཏོག་གི་ཆགས་གཞི་དང་བང་རིམ། ཤ་བོ་སྐྱིད།ཁྲིད་གཞི་དམིགས་ཡུལ། ཤེས་བྱའི་དམིགས་ཡུལ།༡མེ་ཏོག་གི་ཆགས་གཞི་ཤེས་དགོས་པ་དང་གཟག་འབྱེད་ལ་བལྟ་ཞིབ་བྱེད་པ།མེ་ཏོག་གི་ཁག་རེ་རེ་ལ་ཞིབ་བསྡུར་བྱས་ནས་ཕོ་ཟེའུ་དང་མོ་ཟེའུ་ནི་མེ་ཏོག་གི་ཆགས་གཞི་ཡིན་པའི་གནས་ལུགས་གསལ་བཤད་བྱེད་པ།༢ མེ་ཏག་གི་བང་རིམ་དང་རིགས་ངོས་འཛིན་པ།ནུས་པའི་དམིགས་ཡུལ།གཤག་འབྱེད་དང་མེ་ཏོག་གི་རྨང་གཞིའི་ཆགས་གཞི་ལ་བལྟ་ཞིབ་བྱེད་པ་བརྒྱུད་ནས་སློབ་མའི་ཚོད་བལྟའི་ནུས་པ་དང་བལྟ་ཞིབ་ནུས་པ་བསྐྱེད་སྲིང་བྱེད་པ།དམིགས་ཡུལ།མེ་ཏོག་གི་ཆགས་གཞི་དང་བྱེད་ནུས་།མེ་ཏོག་གི་རིགས་དབྱེ་སོགས་སློབ་སྦྱོང་བྱེད་པ་བརྒྱུད་ནས་སློབ་མ་ལ་སྐྱེས་དངོས་གཟུགས་ཀྱི་ཆགས་གཞི་དང་བྱེད་ནུས་ཕན་ཚུན་འོས་འཚམས་ཡིན་པའི་བལྟ་བ་ལྡན་དཔང་བྱེད་པ།སློབ་ཚན་དབྱེ་ཞིབ།༡མེ་ཏོག་གི་ཆགས་གཞི་ནི་ལེའུ་འདི་ནང་གི་ཁྲིད་གཞི་ནང་དོན་གཙོ་བོ་ཡིན་པ་དང་།སྔོན་གི་ལེའུ་དག་ནང་ང་ཚོས་ཁྲིད་པ་ནི་རྩི་ཤིང་གི་འཚོ་བཅུད་དབང་བོ་ཡིན་ལ།རྩི་ཤིང་འཚར་སྐྱེས་བྱུང་ནས་ཚད་ངེས་ཅན་ཞིག་ལ་ཐོན་ན་སྐྱེས་འཕེལ་བྱེད་པ།མེ་ཏོག འབྲས་བུ། ས་བོན་བཅས་ནི་རྩི་ཤིང་གི་སྐྱེས་འཕེལ་དབང་པོ་ཡིན།མེ་ཏོག་གི་ཆགས་གཞི་གསལ་བོར་ཤེས་ན་ད་གཟོད་རྩི་ཤིང་ལ་མེ་ཏོག་བཞད་རྗེས་འབྲས་བུ་སྨིན་པ།ས་བོན་ཇི་ལྟར་གྲུབ་པ་དེ་ངོས་འཛིན་བྱེད་ཐུབ།༢ཟེའུ་འབྲུ་ནི་མེ་ཏོག་གི་ཆགས་གཞི་གཙོ་བོ་ཡན་ལ།གལ་ཏེ་མེ་ཏག་ལ་ཟེའུ་འབྲུ་མེད་ན་དེ་ལ་མེ་ཏོག་མི་ཟེར།དེར་བརྟེན་མེ་ཏོག་ཁྲོད་ཟེའུ་འབྲུ་རིགས་ལ་གཞིགས་ནས་མིང་བཏགས་པའི་མཚན་རྐྱང་མེ་ཏོག་དང་མཚན་གཉིས་མེ་ཏོག་ནི་ཆེས་རྨང་གཞིའི་མེ་ཏོག་རིགས་གཉིས་ཡིན་པ།མེ་ཏོག་རིགས་འདི་གཉིས་ཀྱི་ཁྱད་པར་ངོས་འཛིན་ན་ད་གཟོད་ཕོ་མོ་མཉམ་སྐྱེས་དང་ཕོ་མོ་གཞན་སྐྱེས་བར་ཀྱི་འབྲེལ་བ་ཤེས་ཐུབ།ཁྲིད་ཐབས།དགེ་རྒན་ཀྱི་སློབ་ཚན་འདི་ཁྲིད་སྐབས་ཕོ་ཟེའུ་དང་མོ་ཟེའུ་འབུར་དུ་ཐོན་ནས་ཁྲིད་པ།མོ་ཟེའུ་ལ་བལྟ་ཞིབ་བྱེད་སྐབས་སློབ་གྲོགས་ཕན་ཚུན་བར་མཉམ་འབྲེལ་བྱས་ནས་སློབ་གྲོགས་གཅིག་གི་སྦྲུམ་ཁང་འཕྲེད་བཅད་བྱེད་པ།སློབ་གྲོགས་གཞན་པ་དེ་སྦྲུམ་ཁང་གཞུང་བཅད་བྱེད་ནས་སྦྲུམ་རྡོག་དེ་སྦྲུམ་ཁང་ནང་སྐྱེས་བའི་གནས་ཚུལ་ཤེས་པ། མེ་ཏག་གི་བང་རིམ་གྲུབ་པ། མཚན་གཉིས་མེ་ཏོག{མེ་ཏོག་རྡོག་གཅིག་མ། མེ་ཏོག་རྡོག་གཅིག་མ། མེ་ཏོག་གི་བང་རིམ་གྲུབ་པ།མཚན་རྐྱང་མེ་ཏོག ཕོ་མོ་མཉམ་སྐྱེས་རྩི་ཤིང། ཕོ་མོ་གཞན་སྐྱེས་རྩི་ཤིང་།ཁྲིད་གཞིའི་བརྒྱུད་རིམ།༡ མགོ་བརྩོམས་པ། ལོ་ལྗང་རྩི་ཤིང་གི་མེ་ཏོག་ལ་དབང་བོ་གང་དག་འདུས།རྩད་པ། གཞུང་རྟ། ལོ་མ་བཅས་ནི་ལོ་ལྗང་རྩི་ཤིང་གི་མེ་ཏོག་གི་འཚོ་བཅུད་དབང་པོ་ཡིན།རྩི་ཤིང་གི་དབང་པོ་འདི་དག་ལ་བརྟེན་ནས་རིམ་གཞིན་འཚར་སྐྱེས་བྱེད་པ་ཡིན།རྩི་ཤིང་གཟུགས་འཚར་སྐྱེས་བྱུང་ནས་ཚད་ངེས་ཅན་ཞིག་ལ་ཐོན་རྗེས་མེ་ཏོག་བཞད་པ་དང་འབྲས་བུ་སྨིན་པ།ས་བོན་བྱུང་བ།༢ སློབ་ཁྲིད་གསར་བའི་མགོ་བརྩོམས་པ།འདྲི་ཚིག ༡ མེ་ཏོག་ནི་ཁག་གང་དག་གི་གྲུབ་པ་ཡིན།༢ ཁག་གང་ནི་ཆེསམགཙོ་བོ་ཡིན།སློབ་མ་ཕན་ཚུན་བར་བགྲོ་གླེང་དང་དབྱེ་ཞིབ་བྱེད་པ།སྤྱི་བསྡོམས། མེ་ཏོག་གི་རྨང་གཞིའི་ཆགས་གཞི་ལ་མེ་ཏོག་གི་རྟེན་རྩ། འདབ་མ། ཟེའུ་སྒྲོ། ཕོ་ཟེའུ། མོ་ཟེའུ།༢ ཟེའུ་འབྲུ་ནི་མེ་ཏོག་གི་ཁག་གཙོ་བོ་ཡིན། མེ་ཏོག་གི་ཆེས་རྨང་གཞིའི་ཆགས་གཞི འདབ་སྐྱོར།ཟེའུ་མགོམེ་ཏོག ཟེའུ་སྨན། ཕོ་ཟེའུ། ཟེའུ་སིམོ་ཟེའུ ཟེའུ་མགོ ཟེའུ་ཀ སྦྲུམ་ཁང་།༢ མཚན་གཉིས་མེ་ཏོག་དང་མཚན་རྐྱང་མེ་ཏོགམཚན་གཉིས་མེ་ཏོག མེ་ཏོག་གཅིག་ལ་མཉམ་གཅིག་ཏུ་ཕོ་ཟེའུ་དང་མོ་ཟེའུ་གཉིས་ཀ་ཡོད།མཚན་རྐྱང་མེ་ཏོག མེ་ཏོག་གཅིག་ལ་ཕོ་ཟེའུ་དང་མོ་ཟེའུ་མ་གཏོགས་མེད།༣ མེ་ཏོག་གི་བང་རིམ། གོ་རིམ་ལྟར་མེ་ཏོག་གི་སྡོང་རྐང་སྟེང་མེ་ཏོག་ཚོམ་བུ་ཞིག་སྐྱེས་ཡོད།。

      点击阅读更多内容
      相关文档
      关于金锄头网 - 版权申诉 - 免责声明 - 诚邀英才 - 联系我们
      手机版 | 川公网安备 51140202000112号 | 经营许可证(蜀ICP备13022795号)
      ©2008-2016 by Sichuan Goldhoe Inc. All Rights Reserved.